Google+
Overblog Suivre ce blog
Editer l'article Administration Créer mon blog
King Gesar of Ling

King Gesar of Ling with English subtitles: https://www.youtube.com/user/Linglhamo

An important meeting of scholars in Kokonor

Publié le 19 Août 2013 par Ling Lhamo

An important meeting of scholars in Kokonor

ཀྲུང་གོའི་བོད་ཀྱི་གསོ་རིག》རྩོམ་སྒྲིག་ཨུ་ཡོན་ཚོགས་པ་དང་རྩོམ་སྒྲིག་བྱ་བའི་ཚོགས་འདུ་བསྡུས་པ།

སྤྱི་ཟླ8པའི་ཚེས10ཉིན། རང་རྒྱལ་གྱི་བོད་ལུགས་གསོ་རིག་གི་རིག་གཞུང་དུས་དེབ་ཐོག་མ་སྟེ《ཀྲུང་གོའི་བོད་ཀྱི་གསོ་རིག》དུས་དེབ་ཀྱི་སྐབས་གཉིས་པའི་རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་གཉིས་པ་དང་རྩོམ་སྒྲིག་བྱ་བའི་ཚོགས་འདུ་དེ་མཚོ་སྔོན་གྱི་དགོན་ལུང་དུ་བསྡུས་པ་རེད། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། ཡུན་ནན། པེ་ཅིང་བཅས་ཞིང་ཆེན་དང་གྲོང་ཁྱེར་ལྔ་ནས་ཡོང་བའི་བོད་ལུགས་གསོ་རིག་གི་ཆེད་མཁས་རྣམས་ཚོགས་འདུར་ཞུགས་ཤིང་། རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱི་སྒྲིག་ཡིག་དང་། རྩོམ་སྒྲིག་བྱ་བའི་སྲོལ་ཡིག ཕུལ་དུ་བྱུང་བའི་དཔྱད་རྩོམ་དཔྱད་འདེབས་བྱ་ཐབས་སོགས་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་ཐོབ། དེར་མ་ཟད་རྩོམ་སྒྲིག་ཨུ་ཡོན་དང་རྩོམ་སྒྲིག་མི་སྣ་ཁག་ཅིག་ཁ་སྣོན་བྱས་པ་རེད།

རྩོམ་སྒྲིག་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་འོ་ཚོགས་ཆེན་གྱིས་གསུང་བཤད་གནང་བཞིན་པ།

《ཀྲུང་གོའི་བོད་ཀྱི་གསོ་རིག》དུས་དེབ་ནི2006ལོར་གསར་དུ་བསྐྲུན་པ་ཡིན་ཞིང་། དེ་ནི་ཨ་རུ་བོད་སྨན་ཤོག་ཁག་གིས་གཙོ་གཉེར་བྱེད་པའི་འོག མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་བཅས་མཉམ་འབྲེལ་བྱས་ནས་སྒྲུབ་ཀྱིན་ཡོད། 《ཀྲུང་གོའི་བོད་ཀྱི་གསོ་རིག》དུས་དེབ་འདི་ད་ལྟ་རྒྱལ་ནང་གི་ལྗོངས་ཞིང་དང་གྲོང་ཁྱེར30ལྷག་དང་། ཕྱིའི་རྒྱལ་ཁབ10ལྷག་ཁེབས་ཡོད་ཅིང་། དེས་བོད་ལུགས་གསོ་རིག་རིག་གཞུང་དར་སྤེལ་དང་། མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་རྒྱུན་འཛིན་བྱེད་པ། བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་མཚན་སྙན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་སོགས་སུ་དགེ་མཚན་ལྡན་པའི་ནུས་པ་ཆེན་པོ་ཐོན་པ་རེད། །

Commenter cet article